韩国流行音乐联盟

德格叶师徒流行歌曲 心声 གདུགས་དཀར་ཡག བཀྲ་ཤིས་ཕུན་ཚོགས། .mp3

迷蕃音乐2018-11-13 13:32:46


 

༺ དུངས་བའི་གཏམ། ༻

 


心声

ཚིག ཚུལ་ཁྲིམས་རྒྱ་མཚོ།

དབྱངས། གདུགས་དཀར་ཡག

གཞས་གཏོང་མཁན། གདུགས་དཀར་ཡག བཀྲ་ཤིས་ཕུན་ཚོགས། ཆོས་སྐྱོང་སྐྱབས། བསྟན་འཛིན་དར་རྒྱས། བསམ་འགྲུབ་ཚེ་རིང་། རྟ་བྷེ། བདེ་ལྡན། བཀྲ་ཤིས་ལྷ་དར་དཀར་པོ།

࿄ ࿄ ࿄ ࿄ ࿄ ࿄

དུས་ཀྱི་ཉི་གཞོན་གསར་བ་མཁའ་རུ་འཛུམ།

ཚན་རྩལ་ཤེས་བྱའི་དཔལ་ཡོན་ཉིན་བཞིན་དར།

སྔོན་ཐོན་མི་རིགས་གཅིག་ལས་གཅིག་མགྱོགས་བྱེད།

གདོང་དམར་བོད་པ་སྡོད་པའི་དུས་མ་ཡིན།

དུས་མ་ཡིན།

་་་ ་་་

དུས་ཀྱི་ཉི་གཞོན་གསར་བ་མཁའ་རུ་འཛུམ།

ཚན་རྩལ་ཤེས་བྱའི་དཔལ་ཡོན་ཉིན་བཞིན་དར།

སྔོན་ཐོན་མི་རིགས་གཅིག་ལས་གཅིག་མགྱོགས་བྱེད།

གདོང་དམར་བོད་པ་སྡོད་པའི་དུས་མ་ཡིན།

མི་རིགས་རྩ་བའི་རྨང་གཞི་སྐད་ཡིག་སྟེ།

དེ་ལ་གཅེས་པ་རྩ་བའི་ཁྲིམས་དང་མཐུན།

གཞན་སྐད་ནང་འདྲེན་བྱེད་པ་བཟང་མོད་ཀྱང་།

ཕ་སྐད་རང་དུ་འདོར་བའི་དུས་མ་ཡིན།

གཞན་རིགས་མཐུན་སྒྲིལ་ལག་ཟུང་དམ་དུ་བཅིངས།

རང་རིགས་མི་མཐུན་ས་ཆུ་རྩོད་གླེང་བྱེད།

ཞེ་འཁོན་འགལ་ཟླའི་ཚེར་ཕུང་མི་སྲེག་པར།

ཕུ་ནུས་ནང་གྱོང་བྱེད་པའི་དུས་མ་ཡིན།

སྡེ་བ་སྡེ་བའི་བར་གྱི་ཁོག་དཔུང་དང་།

ཚོ་བ་ཕན་ཚུན་བར་གྱི་མི་མཐུན་ཕྱོགས།

ཞིབ་འདང་བློ་ཡིས་དཔྱད་པ་མ་བཏང་བར།

རང་ཕྱོགས་རང་ལུགས་འཛིན་པའི་དུས་མ་ཡིན།

སྔོན་ཐོན་རིགས་ལམ་སྙེག་མ་ཤེས་ཡིན་བསམ།

མཁས་མཆོག་དཔྱོད་ལྡན་ཅི་ཙམ་མང་ཡང་མཁོ།

རང་ཅག་ཁ་བའི་གྲྭ་སློབ་དཔྱོད་ལྡན་རྣམས།

རང་སར་རང་སྣང་མཐོ་བའི་དུས་མ་ཡིན།

རིགས་ལ་དུངས་པའི་གཏམ།

སྔོན་ཐོན་སྐྱེད་མའི་ཚལ་བཟང་བགྲོད་པ་ལ།

མཐུན་སྒྲིལ་ལག་པའི་དཔུང་ཤུགས་མི་སྒྲིལ་བར།

རང་ཉིན་མཁས་པར་རློམ་པའི་ཕྱོགས་ཞེན་གྱིས།

ཕྲག་དོག་ནང་ལ་བསྐོར་བའི་དུས་མ་ཡིན།

གོས་ལྗང་ས་གཞི་འཕྲུལ་ཆས་ཡོངས་སུ་སློག

ཐལ་རྡུལ་སྐྱ་བོའི་སྨག་རིམ་མཐའ་ནས་རྒྱས།

ཇུས་བཟང་རྨོ་བསྐྱུར་ནགས་འདེབས་མི་བྱེད་པར།

ས་རྡུལ་ཁྲོད་དུ་ཉལ་བའི་དུས་མ་ཡིན།

་་་ ་་་

གོས་ལྗང་ས་གཞི་འཕྲུལ་ཆས་ཡོངས་སུ་སློག

ཐལ་རྡུལ་སྐྱ་བོའི་སྨག་རིམ་མཐའ་ནས་རྒྱས།

ཇུས་བཟང་རྨོ་བསྐྱུར་ནགས་འདེབས་མི་བྱེད་པར།

ས་རྡུལ་ཁྲོད་དུ་ཉལ་བའི་དུས་མ་ཡིན།

གཞན་རིགས་བཟོ་ཚོང་མྱུར་བའི་སྟངས་སྟབས་ཀྱིས།

དལ་མེད་རྨ་འབྲིའི་རླབས་ཀྱི་དཔལ་ལ་འགྲན།

རང་རིགས་བཟོ་ཚོང་ཕྱོགས་ཙམ་མི་གཉེར་བར།

ནང་ཕྱུགས་སུག་རྗེས་འཚོ་བའི་དུས་མ་ཡིན།

ཡིད་འོངས་ཁང་བརྩེགས་འཁྲིགས་པའི་གྲོང་ཁྱེར་དུ།

སྣ་མང་འཚོ་བའི་བདེ་དགའ་མི་རོལ་བར།

རི་ལུང་ཐང་གསུམ་རྟག་ཏུ་རྟེན་བྱས་ཏེ།

དུད་འགྲོའི་རྟུལ་ཞུགས་འཛིན་པའི་དུས་མ་ཡིན།

གཞན་འབྱོར་སྔོན་ཐོན་ཡར་ཟླ་མཁའ་རུ་འཕགས།

ཕྱི་ངེས་ཚོང་ཟོག་སྐར་ཚོགས་གྲངས་འཕྱ།

རང་རིགས་ལྟོ་རྒྱབ་ཙམ་གྱི་འཚོ་བའི་ཁྲོད།

ཟ་ཉལ་མགོ་འཇོག་བྱེད་པའི་དུས་མ་ཡིན།

མདོར་ན་ཆོལ་གསུམ་བོད་པའི་དར་རྒུད་ཀྱི།

ཕྱོགས་ཙམ་འཛིན་པའི་ནུས་པ་ཡོད་མིན་ཡང་།

འཇགས་མེད་སེམས་ནས་རིགས་ལ་དུངས་པའི་གཏམ།

ཤེས་མེད་བདག་ལ་ཐོབ་པའི་འབྲས་རྟགས་ཙམ།

འཇགས་མེད་སེམས་ནས་རིགས་ལ་དུངས་པའི་གཏམ།

ཤེས་མེད་བདག་ལ་ཐོབ་པའི་འབྲས་རྟགས་ཙམ།



༄༅། །ཁྱེད་རྣམས་པས་མེས་པོའི་སྙན་དབྱངས།་འཕྲིན་སྟེགས་ལ་དོ་ཁུར་གནང་བར་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ། ཁྱེད་ཀྱིས་དོ་ཁུར་དང་བརྒྱུད་བསྐུར་གནང་བ་ནི་ང་ཚོའི་སེམས་ཤུགས་ཀྱི་འབྱུང་རྩ་ཡང་ཡིན། །

འོག་གི་“阅读原文”ཐོག་གནན་ཚེ་དེ་སྔོན་གྱི་ནང་དོན་ཚང་མར་གསན་གཟིགས་གནང་ཐུབ།

点击下方“阅读原文”观看之前的全部内容!

↓↓↓

Copyright © 韩国流行音乐联盟@2017