韩国流行音乐联盟

偶像派藏族歌手 - 祥丹慈最新单曲「我」全网首发,

霍尔仓拉浪措音乐平台2018-09-10 16:40:56


 聆听雪域天籁感受藏簇风情 

-གསན་རོགས

ང་།


ལྷ་སའི་བར་བསྐོར་ལམ་ནས། །

གསེར་གྱི་མགུ་ཡ་རྙེད་བྱུང་།

ལས་འཕྲོ་མེད་པའི་རྐྱེན་གྱིས།།

བདག་པོའི་ལག་ཏུ་ཤོར་སོང་།


བདག་པོ་ཚེ་རིང་ལོ་རྒྱ།།

གསེར་གྱི་མགུ་ཡ་ཆུང་ཆུང་།

རིན་ཆེན་སྒོར་ལ་ཆགས་ནས།།

ཚོང་པའི་ལག་ཏུ་མ་སྤྲོད།།


སྟོད་ཀྱི་ཁ་བ་དཀར་པོ།།

མཇལ་འདོད་སེམས་ལ་ཡོད་ཀྱང་།

དཀར་བསལ་ཁ་བ་དཀར་པོས།།

ང་ཡིས་འགྲོ་ལམ་བཀག་སོང་།


ཚེ་འདིར་སྐལ་བ་མེད་ཀྱང་།

ཕྱི་མའི་འཇིག་རྟེན་ལམ་ནས།།

ཉི་མའི་དྲོད་དེ་ཁྱེར་ནས།།

ཁྱེད་རང་མཇལ་སར་སླེབ་ཡོང་།


སྡེ་དགེའི་པར་ཁང་ཆོས་མཛོད།།

བསྐོར་འདོད་ཞེ་ལ་ཡོད་ཀྱང་།

ཁམས་ཀྱི་འབྲི་ཆུ་སྔོན་མོའི།།

ང་རང་འགྲོ་ཐབ་བྲལ་སོང་།


འབྲི་ཆུ་སྔོན་མོའི་རྒྱུད་ཀྱི།།

ཨ་ཁུ་བསམ་དཀར་ལོ་ལོ།།

ཤིས་མེད་བུ་ཆུང་ང་ལ།།

ཐར་བའི་ལམ་ཞིག་བསྟན་རོགས།།

经 典 回 顾

ཧོར་གཙང་ལྷ་ལུང་འཚོ།བདེ་ལྡན་ཞིང་གི་སྨོན་འདུན། 

༢༠༡༧ལྷ་ལུང་འཚོའི་གཞས་གསར། འབྲུག་མོའི་སྐྱེམས་ཆང་།

ཧོར་གཙང་ལྷ་ལུང་འཚོ། གསེར་གྱི་མེ་ཏོག】

ཧོར་གཙང་ལྷ་ལུང་འཚོ། ཚེ་སྲོག་གི་ཁ་ཟས། 

དམངས་གླུ་མཉམ་ལེན།ཧོར་གཙང་ལྷ་ལུང་མཚོ།སྙང་མོ་སྐྱིད།

ཧོར་གཙང་ལྷ་ལུང་འཚོ། སེམས་གཞས།

ཤེར་བསྟན་དང་ལྷ་ལུང་འཚོ།༼ཨ་མའི་བུ།༽

ཧོར་གཙང་ལྷ་ལུང་མཚོ། ཚེ་དབང་ལྷ་མོ ཁ་བའི་གོམ་འགྲོས།

ཧོར་གཙང་ལྷ་ལུང་འཚོ། མདུན་སྐྱོད།

ཧོར་གཙང་ལྷ་ལུང་འཚོའི་མི་སྒེར་མཛེས་བརྙན་ལ་དོ་ཁུར་གནང་རོགས་ཞུ།
欢迎关注霍尔仓拉浪措个人美拍

Copyright © 韩国流行音乐联盟@2017