韩国流行音乐联盟

藏族歌手旦增尼玛2016最新单曲《最美藏人》!

忠爱谢旦老师2018-10-24 08:12:23

藏族歌手旦增尼玛2016最新单曲《最美藏人 》




གདོང་དམར་བོད་ཀྱི་རིགས།

 ཚིག   ཁྱུང་བཟང། 

 དབྱངས། དཀའ་ཐུབ་རྒྱལ།

 གཞས་པ། བསྟན་འཛིན་ཉི་མ། 


 བོས་ན་ཨ་ལན་གསལ་བ།།  

བཅོལ་ན་ཡ་ལན་ཡོད་པ།། 

 ཡ་རབས་མི་ཡི་གཤིས་ལུགས།། 

གངས་ཅན་བོད་ལ་འཛོམས་ཡོད།། 

  ཚུར་ཡོང་འཛུམ་གྱི་བསུ་བ།།

ཕར་འགྱོ་སེམས་ཀྱིས་སྐྱེལ་བ།། 

 ཡ་རབས་མི་ཡི་གཤིས་ལུགས།།  

 གངས་ཅན་བོད་ལ་འཛོམས་ཡོད།།


འགྲོགས་པའི་ཕྱི་ཐག་རིང་བ།།  

 བཤད་པའི་ཚིག་རྗེས་བཙན་པ།།

ཡ་རབས་མི་ཡི་གཤིས་ལུགས།། 

གངས་ཅན་བོད་ལ་འཛོམས་ཡོད།།   

ཁྲེལ་དང་ངོ་ཚ་ཡོད་པ།།   

དྲིན་ངོ་དྲིན་དུ་ཤེས་པ།།

ཡ་རབས་མི་ཡི་གཤིས་ལུགས།། 

 གངས་ཅན་བོད་ལ་འཛོམས་ཡོད།། 




Copyright © 韩国流行音乐联盟@2017